ཆུ་ཁ་རྫོང་ཁག་ནང་སྡོད་མི་གི་མི་སེར་ ཉེན་ཚུབ་ཅན་གྱི་ས་ཁོངས་ ཚོས་གཞི་དམརཔོ་ནང་ཚུད་ཡོད་མི་ཚུ་ནང་ལས་ལོག་འོང་མི་ཚུ་གེ་ར་ རང་སའི་ཁྱིམ་ནང་ཟུར་བཞག་ནང་སྡོད་དགོ་པའི་གསལ་བསྒྲགས།


སྔོན་མ་ལས་ཁྱབ་བསྒྲགས་འབད་ཡོད་མི་འདི་གུར་ ད་རུང་ང་བཅས་ཀྱི་ཁ་ཐུག་ལས་འབྲེལ་ཡོད་ཡོངས་ལུ་ ནན་སྐུལ་འབད་ཞུ་དགོཔ་འདི་ཡང་ མི་ངོམ་ག་ར་ཨིན་འདི་འབད་རུང་ ཉེན་ཚུབ་ཅན་གྱི་ས་ཁོངས་ ཚོས་གཞི་དམརཔོ་ནང་ཚུད་མི་ཚུ་ནང་ལས་ ཆུ་ཁ་རྫོང་ཁག་ནང་ལོག་འོང་མི་གེ་ར་གིས་ རང་སོའི་ཁྱིམ་ནང་ལུ་གསོ་བའི་བསྒྲིག་གཞི་ལས་མ་འགལ་བར་ ཟུར་བཞག་འབད་སྡོད་དགོཔ་འདི་གལ་ཆེ།

དེ་ལྟར་དུ་ འགོ་ཁྲིདཔ༼ལུང་ཕྱོགས་ཀྱི་འགོ་འཛིན/ལས་ཁུངས་ཀྱི་འགོ་འཛིན/མི་སྡེ་འགོ་ཁྲིདཔ/གཙུག་སྡེའི་འགོ་འཛིན་དང་གཞན་འབྲེལ་བ་ཡོད་མི་༽ཚུ་གི་ཁ་ཐུག་ལས་ རང་སའི་དབང་ཁྱབ་ཡོད་པའི་ས་ཁོངས་ཚུ་ནང་ལས་ཕར་ ལམ་ལུགས་དང་སྒྲིག་གཞི་དང་བསྟུན་ཏེ་ གསང་ཉུལ་དང་བྱ་ལྟ་དགོ།

Attachment Size
notification.pdf 369.67 KB