དཔལ་འབྱོར་གོང་འཕེལ་ཡིག་ཚང་།

དཔལ་འབྱོར་གོང་འཕེལ་འགོ་དཔོན་གྱི་གོ་གནས་འདི་ རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་དང་བསྟན་རྒྱས་ལྷན་ཁག་གིས་ གནམ་ལོ་༢༠༡༩ སྤྱི་ཟླ་༡པ་ནང་གསར་བཏོན་འབད་གནང་ཡི། སྤྱི་ཟླ་༢ པའི་སྤྱི་ཚེས་༡ ལུ་ ཆུ་ཁ་རྫོང་ཁག་གི་དཔལ་འབྱོར་འགོ་དཔོན་བརྩིས་ཏེ་ དཔལ་འབྱོར་གོང་འཕེལ་འགོ་དཔོན་༩ བསྐོ་བཞག་མཛད་གནང་ཡི། 

རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་སྒྲིག་གཞི་དང་ལམ་ལུགས་ལྟར་ དཔལ་འབྱོར་གོང་འཕེལ་ལས་ཚན་གྱི་ལཱ་འགན་གཙོ་བོ་ར་ རྫོང་ཁག་ནང་དཔལ་འབྱོར་གྱི་ལས་སྣ་གོང་འཕེལ་གཏང་ནི་དང་། སོ་ནམ་ཚོང་ལཱ་དང་ལྟ་བཤལ་ལས་སྡེ་ཚུ་ངོས་འཛིན་འབད་དེ་གོང་འཕེལགཏང་ནི། གཞན་ཡང་གཙོ་རིམ་ལས་ཚན་དང་སྐྱིན་འགྲུལ་འཆར་གཞིའི་ངོ་ཚབ་སྦེ་ཕྱག་ཞུ་ནི།

 

ལས་ཚན་འདི་གིས་ སོ་ནམ་ཚོང་ལཱ་ངོས་འཛིན་དང་གོ་སྐབས་ཚུ་བལྟ་སྟེ་ ན་གཞོན་ཚུ་ལུ་གཡོག་གི་ས་སྟོང་བཟོཝ་ཨིན། རྫོང་ཁག་དཔལ་འབྱོར་གོང་འཕེལ་འགོ་དཔོན་འདི་སངས་རྒྱས་འཕྲིས་ཨིནམ་དང་། རྫོང་ཁག་ནང་འཛུལ་ཞུགས་མ་འབད་བའི་ཧེ་མ་ ཐིམ་ཕུག་དཔལ་འབྲུག་ཞིབ་འཇུག་ལྟེ་བ་ནང་ ཞིབ་འཚོལ་འགོ་དཔོན་གོངམ་སྦེ་ལོ་ངོ་༡༡ ཕྱག་ཞུ་ཡོདཔ་ཨིན། ཁོ་དང་འབྲེལ་བ་མཛད་ནི་ལུ་ བརྒྱུད་འཕྲིན་ཨང་༡༧༤༥༦༦༦༠ ཡོངས་འབྲེལ་ཨེས་ཨེམ་ཨེས་ ཡོངས་འབྲེལ་ཁ་བྱང་ sthinley@moea.gov.bt ཡང་ན་ཝི་ཅེཊ་ཁ་བྱང་ sthinley4016@gmail.com ཐོག་ལུ་དུས་ཚོད་ནམ་ར་འབད་རུང་འབྲེལ་བ་འཐབ་ཚུགས།