ཕུན་ཚོགས་གླིང།

ཕུན་ཚོགས་གླིང་དྲུང་ཁག།

འཆར་སྣང་ - མི་སྡེ་གཅིག་མཐུན་ སྔར་ཁྱུན་ཡུན་གནས་ལམ་སྲོལ་ ཉམས་མེད་རང་བཞིན་གནས་སྟངས་ འདྲ་མཉམ་གོང་འཕེལ་དང་ལྡན་པའི་ དཔལ་འབྱོར་འགོ་འཁྲིད་ཅན་གྱི་དྲུང་ཁག།  

དམིགས་སྐྱེད་ - དྲུང་ཁག་གི་མི་སེར་ཚུ་གི་ བདེ་སྐྱིད་དང་འཚོ་སྐྱོང་དོན་ལུ་ འོས་མཐུན་དང་ལྡན་པའི་གནས་སྟངས་ཀྱི་ཐོག་ལས་ དཔལ་འབྱོར་གོང་འཕེལ་གྱི་ལཱ་རིགས་སྣ་ཚོགས་སྤྲོད་ནི།

 

ཕུན་ཚོགས་གླིང་དྲུང་ཁག་བདག་སྐྱོང་མངའ་འོག་ལུ་ དར་ལ་ ལོག་ཅི་ན་ ཕུན་ཚོགས་གླིང་དང་བསམ་འཕེལ་གླིང་བཅས་རྒེད་འོག་བཞི་ཡོདཔ་ཨིན། དྲུང་ཁག་བདག་སྐྱོང་འདི་ས་གནས་ཕུན་ཚོགས་གླིང་ཁྲོམ་སྡེ་སྦུག་ལུ་ རྒྱ་མཚོ་གནས་ཚད་ལས་སའི་མཐོ་ཚད་ཕིཊ་ ༧༨༠ ལྷོ་བྱང་མཚམས་ཐིག་ ༢༦’༥༡’༣༥” དང་། ཤར་ནུབ་མཚམས་ཐིག་  ༨༩’༢༣’༡༤” ལུ་ཆགས་ཡོདཔ་ཨིན།

དྲུང་ཁག་བདག་སྐྱོང་གི་སའི་ཆགས་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༤༢༨.༧༦། མི་རློབས་ ༢༠༣༣༢ ཡོདཔ་ཨིན། 

དྲུང་ཁག་བདག་སྐྱོང་དབང་ཚད་ཁྱབ་ཁོངས་ནང་ གཞི་གཡོགཔ་ ༣༩༡ རྒཔོ་ ༤ དམངས་མི་ ༤ དང་ཚོགས་པ་ ༢༡ ཡོདཔ་ཨིན།

ཐབས་བྱུས།

མི་དམངས་ཞབས་ཏོག་དང་མཐུན་རྐྱེན་ཚུ་ འཇོན་ཐང་ཅན་དང་དོན་སྨིན་ཅན་ དེ་ལས་ འཇམ་ཏོག་ཏོ་སྦེ་ཕུལ་ནི།

གཞུང་གི་སྲིད་བྱུས་གསརཔ་གི་ཐོག་ལས་ མི་སྡེ་གོང་འཕེལ་དང་འོང་འབབ་བཟོ་ཚུགས་པའི་ལས་སྣ་ཚུ་ རྒྱབ་སྐྱོར་འབད་ནི།

རང་བཞིན་གྱི་མཐུན་རྐྱེན་དང་ མ་དངུལ་ཚུ་ དོན་སྨིན་ཅན་སྦེ་ལག་ལེན་འཐབ་ནི་ནང་ རྒྱབ་སྐྱོར་འབད་ནི།

འཆར་གཞི་བརྩམ་ནི་དང་ འཛོམས་འདུ་དང་ཞལ་འཛོམས་ལ་སོགས་པའི་ལས་རིམ་ཚུ་ནང་ མི་དམངས་ཀྱིས་བཅའ་མར་གཏོགས་བཅུག་ནི། 

ལཱ་སྡེ་གཞན་གྱིས་ འགོ་འདྲེན་འཐབ་མིའི་ལས་རིམ་དང་ལས་འགུལ་ དེ་ལས་ལས་སྣ་ཚུ་ དུས་ཚོད་ཁར་ལེགས་ཤོམ་སྦེ་མཇུག་བསྡུ་ནིའི་དོན་ལུ་ ལྟ་རྟོག་འབད་ནི།

དྲུང་ཁག་གི་འགན་ཁུར།

རྒེད་འོག་གིས་བཙུགས་མི་གྲོས་འཆར་ཚུ་ གཞུང་གི་སྲིད་བྱ྄ས་ནང་གཙོ་རིམ་དང་འཁྲིལ་ཏེ་ཨིནམ་བཟོ་ནི།

བདག་སྐྱོང་དང་དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ཕུལ་ནི་དང་ དྲུང་ཁག་གི་དབང་ཚད་ཀྱི་འོག་ལུ་ཚུད་པའི་ ཞི་གཡོགཔ་ཚུ་ འཛིན་སྐྱོང་འཐབ་ནི།

གཞུང་གི་སྲིད་བྱུས་དང་རྒྱལ་ཁབ་ཀྱི་གཙོ་རིམ་ དེ་ལས་ གཞུང་གི་བཀོད་རྒྱ་ཚུ་མི་དམངས་ལུ་སྤེལ་ནི།

དྲུང་ཁག་ནང་ལུ་ སྒྲིག་ལམ་ཆོས་གསུམ་རྒྱུན་སྐྱོང་དང་དར་ཁྱབ་གཏང་ནི།

དྲུང་ཁག་ནང་ལུ་ དགའ་སྐྱིད་དང་གཅིག་སྒྲིལ་ཁྱབ་སྤེལ་འབད་ནི།

རྫོང་ཁག་བདག་སྐྱོང་གི་བཀའ་བཞིན་ ལཱ་གཞན་མི་ཚུ་འབད་ནི།

རྒེད་འོག་ཚོགས་འདུ་གི་འོག་ལུ་ཚུད་པའི་ ངག་བརྗོད་དང་སྙན་ཞུ་ དེ་ལས་དཔེ་དེབ་དང་ཡིག་ཆ་ ཚུ་བསྡུ་ནི།