རོ་ཀྲི་རི་སྡེ་ཕྲན་གིས་ ཆུ་ཁ་རྫོང་ཁག་གི་ རྩི་མ་གཤམ་ ན་གཞོན་སོ་ནམ་ལས་རིམ་གྱི་སྡེ་ཚན་ལུ་ བསྐྱེན་འདྲེན་གྱི་དོན་ལུ་ སྣུམ་འཁོར་གཅིག་གྲོགས་རམ་སྦེ་གནང་ཡོདཔ།

20 སྤྱི་ཟླ་༨ པ། 2018

  • ༉ ཆུ་ཁ་རྫོང་ཁག་བདག་སྐྱོང་གིས་ ཕྱི་རྒྱལ་ཁབ་རྒྱ་པཱན་ལས་ ཧུཡེ་གྲ་རོ་ཀྲ་རི་སྡེ་ཕྲན་ ༼ཀ་ལཱབ༽ གི་ འགོ་དཔོན་ཚུ་ཕེབས་སུ་ཞུ་དེ་ཡོདཔ་མ་ཚད་ ལས་རིམ་དེའི་སྐབས་ལུ་ཐིམ་ཕུག་རོ་ཀྲི་རི་ཀ་ལཱབ་གི་འགོ་དཔོན་ཚུ་གིས་ཡང་བཅའ་མ་གཏོགས་གནང་ཡི། ལས་རིམ་སྐབས་ལུ་ རོ་ཀྲི་རི་ཀ་ལཱབ་གིས་ ཆུ་ཁ་རྫོང་ཁག་གི་ རྩི་མ་གཤམ་ ན་གཞོན་སོ་ནམ་ལས་རིམ་གྱི་སྡེ་ཚན་ལུ་ ཚོང་འབྲེལ་འཐབ་ནི་དང་བསྐྱེན་འདྲེན་གྱི་དོན་ལུ་ ཁག་ཆེ་བའི་ སྣུམ་འཁོར་བཱེན་གཅིག་ཡང་གྲོགས་རམ་སྦེ་གནང་སྟེ་ཡོདཔ་ཨིན། དེ་བཟུམ་སྦེ་ ད་ལས་ཕར་ཡང་ སྡེ་ཕྲན་འདི་གིས་ རྫོང་ཁག་གི་ས་ཁོངས་སོ་སོ་དང་ སྦོང་སྒོ་སོ་ནམ་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་ནིའི་འཆར་གཞི་ཡོདཔ་མ་ཚད་ རྒེད་འོག་སོ་སོ་ཁག་ལས་ཕར་ཡང་ འདི་བཟུམ་གྱི་ལས་རིམ་དར་ཁྱབ་བཏང་ནི་ལུ་བརྩོན་ཤུགས་བསྐྱེད་ནིའི་འཆར་གཞི་ཡོདཔ་ཨིན་པས། དེ་ལུ་ རྫོང་ཁག་གི་ཧོང་ལས་ དྲགོས་རྫོང་བདག་མཆོག་གིས་བཀྲིན་དགའ་ཚོར་ཡོད་ལུགས་གསུང་གནང་པའི་ཁར་ལུ་ འདི་བཟུམ་གྱི་གྲོགས་རམ་གནང་མི་འདི་གིས་ རྫོང་ཁག་དང་རྒེད་འོག་ལུ་སྦོམ་སྦེ་རང་ཕན་ཐོག་ཚུགས་པའི་རེ་བ་ཡོད་ལུགས་གསུང་གནང་ཡི།