རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པའི་བརྩི་སྲུང།

17 སྤྱི་ཟླ་༡༢ པ། 2019

རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པའི་བརྩི་སྲུང་འདི་ཡང་ དབང་ཆུ་སློབ་གྲྭ་གི་རྩེད་ཐང་ནང་འབད་ བརྩི་སྲུང་འབད་ཡི།

བརྩི་སྲུང་དང་འབྲེལ་ ལས་སྡེའི་གསར་ཤོག་འདི་ཡང་ སྐུ་མགྲོན་རྩོཝ་དྲགས་རྫོང་བདག་མཆོག་དང་ བླམ་གནས་བརྟན་གཉིས་ཀྱི་ སྒོ་འབྱེད་གནང་ཡི། དེ་ལས་རྫོང་ཁག་གི་ལས་གཡོགཔ་ དང་ སློབ་གྲྭ་ཁག་གི་སློབ་དཔོན་ ཚུ་ལུ་ཁྱད་འཕགས་ཅན་གི་ རྟགས་མ་ཚུ་ཡང་གནང་ཡོདཔ་ཨིན།

དུས་ཅིག་གི་ རྒྱལ་ཡོངས་དུས་ཆེན་ལུ་ རྒད་འོག་དྲག་ཤོས་ཚུ་ཡང་ངོས་འཛིན་འབད་གནང་ཡི།