སྐོར་ཡུལ་ཆུ་ཁ། བལྟ་བཤལ་བྱ་ལེན་འཆར་གཞི། ༼༢༠༢༡-༢༠༢༥༽


སྐོར་ཡུལ་ཆུ་ཁ། བལྟ་བཤལ་བྱ་ལེན་འཆར་གཞི། ༼༢༠༢༡-༢༠༢༥༽

 

ཡིག་ཆ་འདི་ ཆུ་ཁ་རྫོང་ཁག་འོག་གི རྒེད་འོག་༡༡ ནང་བལྟ་བཤལ་གྱི་ཐོན་དངོས་དང་ མ་འོངས་ལོ་ལྔའི་ནང་བལྟ་བཤལ་གོང་འཕེལ་གཏང་ནིའི་ལམ་སྟོན་དང་ལས་སྣ་གི་ཐོ་ཨིན།
 

ཡིག་ཆ་ཟིན་འབྲི་འཐབ་ནིའི་དོན་ལུ་ གནམ་ལོ་༢༠༢༠ ཟླཝ་བརྒྱད་པ་ལས་ གནམ་ལོ་༢༠༢༡ ཟླཝ་གསུམ་པ་ཚུན་ ཟླཝ་བཞི་གི་ནང་འཁོད་ ས་གནས་ངེས་ཅན་ཅིག་ལུ་སོང་སྟེ་ལཱ་འབད་ཡོདཔ་བརྩི་སྟེ་ གྲོས་འཛོམས་ཚར་བཅུ་གསུམ་ཚོགས་ཡོདཔ་ཨིན། ཐབས་ཤེས་ཅན་གྱི་ལས་སྣ་འདི་ཡང་ དཔལ་འབྱོལ་གོང་འཕེལ་ལས་སྡེ་གིས་འགོ་འདྲེན་འཐབ་ཡོདཔ་ཨིན།

ལས་འགུལ་འདི་ ནེ་པཱལ་ལུ་ཡོད་པའི་ རྒྱལ་སྤྱི་གངས་རི་གོང་འཕེལ་མཐུན་འབྲེལ་ལྟེ་བ༼ ICIMOD ༽རྒྱབ་སྐྱོར་ཐོག་ སྐབས་འཐོབ་ཀན་ཅན་ཇུན་ག་ ༼ Kanchenjunga ༽མཛེས་བཀོད་ཉམས་སྲུང་དང་གོང་འཕེལ་ལས་འགུལ་༼ KLCDI ༽ གྱིས་འབྲུག་དང་འབྲེལ་བའི་ཡོད་པའི་བལྟ་བཤལ་ཐབས་ཤེས་གོང་འཕེལ་ཡིག་ཆ་ལུ་གཞི་བཞག་སྟེ་འབད་ཡོདཔ་ཨིན།

འབྲུག་བལྟ་བཤལ་ཚོགས་སྡེ་ ༼TCB འབྲུག་ལྟ་སྐོར་ཚོང་ལས་མཐུན་འབྲེལ་ཚོགས་པ་ ༼ Association of Bhutanese Tour Operators ༽ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ རང་བཞིན་སྲུང་སྐྱོབས་སྡེ་ཚན་༼ Nature Conservation Division of MoAF ༽ དང་རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ Royal Society for Protection of Nature༽ ཚུའི་མཉམ་འབྲེལ་ཅན་གྱི་བརྩོན་ཤུགས་ཀྱིས་ ཡིག་ཆ་གསར་སྟོན་འབད་ནི་ལུ་ཆ་རོགས་འབད་ཡོདཔ་ཨིན། གསར་སྟོན་མཛད་སྒོའི་སྐབས་ རྫོང་བདག་ངོ་ཚབ་༼རྫོང་རབ་གོངམ༽ ཤེས་རབ་རྡོེ་གིས་ རྒྱལ་སྤྱི་གངས་རི་གོང་འཕེལ་མཐུན་འབྲེལ་ལྟེ་བ༼ ICIMOD ༽ དང་གཞན་མཉམ་འབྲེལ་འབད་མི་ལས་སྡེ་གེ་ར་ལུ་བཀྲིན་དགའ་འཚོར་ཞུ་ཡོདཔ་དང་། བལྟ་བཤལ་བྱ་ལེན་འཆར་གཞིའི་ཡིག་ཆ་ནང་ལས་ བལྟ་བཤལ་གྱི་ལས་སྣ་དངོས་བསྟར་ལག་ལེན་འཐབ་ཡོད་མི་དག་པ་ཅིག་ཡང་སྙན་ཞུ་འབད་ཡོདཔ་ཨིན།

DC DC1 

Attachment Size
Destination Chhukha Tourism Action Plan (2021-2025).pdf 4.74 MB